现在的位置:首页 / 各地动态

关于征集扫黑除恶“回头看”涉黑涉恶涉乱线索的公告

来源:尖扎县扫黑除恶斗争领导小组办公室     发布时间:2023-05-09    
关于征集扫黑除恶“回头看”

涉黑涉恶涉乱线索的公告

为深入开展扫黑除恶“回头看”工作,再整治一批行业领域乱点乱象、再打击一批黑恶势力违法犯罪,进一步扩大常态化扫黑除恶斗争战果,全面提升人民群众安全感、幸福感、获得感,努力建设更高水平的平安黄南、法治黄南。经黄南州扫黑除恶斗争领导小组决定,在全州范围内开展一次征集扫黑除恶“回头看”涉黑涉恶涉乱线索活动,现将有关事项公告如下。

一、线索受理范围

把持基层政权、利用家族宗族势力横行乡里、煽动群众闹事、阻碍执行公务、欺行霸市、操纵经营“黄赌毒”、非法高利放贷、插手民间纠纷、涉枪盗抢和传销拐卖案件、“食药环”领域非法经营等;电信网络诈骗、网络赌博、非法网络金融业务等违法犯罪行为;“沙霸”“矿霸”、偷采乱挖、破坏生态;超限超载、强行冲卡、工程项目围标串标、控制交通运输市场等非法营运行为;恶意竞标、阻工扰工、强揽工程、违章违建、强迫交易、恶意拖欠工程款等违法犯罪;“校园贷”“套路贷”、利用未成年人实施黑恶势力犯罪行为;欺骗患者诱导消费、术中加价、非法行医、扰乱医疗秩序等违法违规行为;充当“保护伞”及其他涉黑涉恶涉乱情形。

二、线索举报方式

(一)举报电话:0973-8722924

(二)电子信箱:hnzzfw@126.com

(三)信件地址:黄南州同仁市隆务镇德合隆北路6号

电话举报时间为国家法定工作日正常上班时间。

三、保护措施

欢迎广大群众和社会各界积极参与,检举揭发涉黑涉恶涉乱违法犯罪线索。州扫黑办将依法依规及时做好线索核查处理工作,并对举报人的个人信息严格保密,依法保护举报人的合法权益。对泄漏信息或打击报复举报人的,将依法从严、从重惩处。举报人举报的涉黑涉恶违法犯罪线索,经查证属实,将按照《黄南州扫黑除恶斗争案件线索举报奖励办法》规定对举报人给予一次性奖励。

尖扎县扫黑除恶斗争领导小组办公室

                  2023年4月24日

ནག་སེལ་གཤེད་འཇོམས་ལ “ཕྱི་མིག་ལྟ་བ”དང་ནག་ཕྱོགས་དང་འབྲེལ་བའི་ཁུངས་སྣེ་འཚོལ་བསྡུ་བྱེད་པའི་སྐོར་གྱི་སྤྱི་བསྒྲགས།

ནག་སེལ་གཤེད་འཇོམས་ལ“ཕྱི་མིག་ལྟ་བའི”བྱ་བ་གཏིང་ཟབ་ཏུ་སྤེལ་ཏེ། ལས་རིགས་ཁྱབ་ཁོངས་ཁག་ཅིག་གི་ཟིང་ཆར་ཡང་བསྐྱར་ལེགས་བཅོས་བྱེད་པ་དང་། ནག་ཕྱོགས་སྟོབས་ཤུགས་ཁག་ཅིག་གི་ཁྲིམས་འགལ་ནག་ཉེས་ལ་ཡང་བསྐྱར་རྡུང་རྡེག་གཏོང་བ། རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་འཇོམས་ལ་འཐབ་རྩོད་བྱས་པའི་འབྲས་བུ་སྔར་ལས་རྒྱ་སྐྱེད་པ། མི་དམངས་མང་ཚོགས་ཀྱི་བདེ་སྣང་དང་། སྐྱིད་སྣང་། ཐོབ་སྣང་བཅས་ཁྱོན་ཡོངས་ནས་གོང་སྤེལ་བཏང་ནས། བདེ་འཇགས་རྨ་ལྷོ་དང་ཁྲིམས་སྐྱོང་རྨ་ལྷོ་སྔར་ལས་ཆུ་ཚད་མཐོ་བ་ཞིག་ཧུར་ཐག་གིས་བསྐྲུན་སླད། རྨ་ལྷོ་ཁུལ་ནགས་སེལ་གཤེད་འཇོམས་འཐབ་རྩོད་མགོ་ཁྲིད་ཚན་ཆུང་གིས་ཐག་གཅོད་བྱས་པ་བརྒྱུད། ཁུལ་ཡོངས་སུ་ནག་སེལ་གཤེད་འཇོམས་ལ“ཕྱི་མིག་ལྟ་བ”དང་ནག་ཕྱོགས་དང་འབྲེལ་བའི་ཁུངས་སྣེ་འཚོལ་བསྡུ་བྱེད་པའི་བྱེད་སྒོ་ཐེངས་གཅིག་སྤེལ་རྒྱུ་ཡིན་པས། ད་ལྟ་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱས་པ་གཤམ་གསལ་ལྟར།   

དང་པོ། ཁུངས་སྣེ་བདག་སྤྲོད་བྱེད་པའི་ཁྱབ་ཁོངས།

གཞི་རིམ་གྱི་སྲིད་དབང་ཧམ་འཛིན་བྱེད་པ་དང་། ཁྱིམ་རྒྱུད་དང་རིགས་རྒྱུད་སྟོབས་ཤུགས་ལ་བརྟེན་ནས་ཞང་ནང་དུ་ཅི་འདོད་བྱེད་པ། མང་ཚོགས་ལ་ངན་སྐུལ་གྱིས་ཟིང་ཆ་སློང་བ། གཞུང་དོན་ལ་འགོག་རྐྱེན་བཟོ་བ། ཁྲོམ་ར་བཙན་བཟུང་བྱེད་པ། “འཆལ་རྒྱན་དུག་གསུམ”གཉེར་བར་བཀོད་པ་གཏོང་བ། ཁྲིམས་འགལ་ངང་སྐྱེད་ཀ་མཐོ་བའི་དངུལ་བུན་གཏོང་བ། དམངས་ཁྲོད་ཀྱི་རྩོད་གཞིར་ཐེ་ཇུས་བྱེད་པ། མེ་མདའ་དང་འབྲེལ་བའི་མེ་མདའ་འཕྲོག་བཅོམ་དང་བརྒྱུད་འཚོང་དང་གཡོ་འཚོང་གི་གྱོད་གཞི། “བཟའ་བཅའ་དང་སྨན་རྫས་ཁོར་ཡུག”གསུམ་གྱི་ཁྱབ་ཁོངས་སུ་ཁྲིམས་འགལ་ངང་ཚོང་གཉེར་བྱེད་པ་སོགས། གློག་འཕྲིན་དྲ་རྒྱའི་གཡོ་བསླུས་དང་། དྲ་སྟེང་རྒྱན་སྐུགས། ཁྲིམས་འགལ་དྲ་རྒྱའི་དངུལ་རྩའི་ལས་སྒོ་སོགས་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད། “བྱེ་མ་བཙན་བཟུང”དང“གཏེར་ཁ་བཙན་བཟུང” རྐུ་འཐུ་དང་གང་བྱུང་དུ་སྔོག་པ། སྐྱེ་ཁམས་གཏོར་བཤིག ཚད་བརྒལ་ཐེག་བརྒལ། བཙན་ཤེད་ཀྱིས་འགག་ཚིགས་བརྒལ་བ། བཟོ་སྐྲུན་ལས་གཞི་ངན་འབྲེལ་བྱས་ནས་ལེན་པ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཁྲོམ་ར་ཚོད་འཛིན་བྱེད་པ་སོགས་ཁྲིམས་འགལ་གྱི་གཉེར་ཚོང་བྱ་སྤྱོད། བསམ་ངན་ཁོག་བཅུག་གི་འོས་རྩོད་དང་། བཟོ་སྐྲུན་བཙན་ལེན། སྒྲིག་འགལ་ཁྲིམས་འགལ་གྱིས་འཛུགས་སྐྲུན་གཉེར་བ། བཙན་ཤེད་ཀྱིས་ཉོ་ཚོང་བྱེད་པ། བཟོ་སྐྲུན་གྱི་སྒོར་མོ་ངན་སེམས་གྱིས་འགྱངས་ཆད་བྱེད་པ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག “སློབ་གྲྭའི་དངུལ་བུན”དང“གཡོ་ལེན་དངུལ་བུན”། ལོ་ན་མ་སོན་པའི་མི་བེད་སྤྱད་དེ་ནག་ཕྱོགས་སྟོབས་ཤུགས་ཀྱི་ཉེས་གསོག་བྱ་སྤྱོད་སྤེལ་བ། ནད་པར་མགོ་སྐོར་བཏང་ནས་སྒོར་མོ་བཀོལ་བར་བསླུ་བྲིད་གཏོང་བ་དང་། གཤགས་བཅོས་ཀྱི་གནས་སྐབས་སུ་སྨན་ཡོན་སྤར་བ། ཁྲིམས་འགལ་གྱིས་སྨན་བཅོས་བྱེད་པ། སྨན་བཅོས་སྒྲིག་ལམ་དཀྲུག་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད། ནག་ཚོགས་ཀྱི་རྒྱབ་རྟེན་བྱེད་པ་དང་། ནག་ཕྱོགས་དང་ཟིང་སློང་དང་འབྲེལ་བའི་གནས་ཚུལ་གཞན་དག་བཅས་སོ།།     

གཉིས་པ། ཁུངས་སྣེ་ཐེར་འདོན་བྱེད་སྟངས།

(གཅིག)ཐེར་འདོན་ཁ་པར་ཨང་གྲངས། 0973-8722924

(གཉིས)ཡིག་ཟམ། hnzzfw@126.com

(གསུམ)འཕྲིན་ཡིག་གཏོང་ས། རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་སྟག་ལུང་བྱང་ལམ་ཨང6པ། 

ཁ་པར་གྱིས་ཐེར་འདོན་བྱེད་པའི་དུས་ཚོད་ནི་རྒྱལ་ཁབ་ཀྱི་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ཉིན་མོའི་རྒྱུན་ལྡན་གྱི་ལས་ཚོགས་དུས་ཚོད་ཡིན། 

གསུམ་པ། སྲུང་སྐྱོང་བྱེད་ཐབས།

རྒྱ་ཆེའི་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་ཧུར་ཐག་གིས་ཟབ་ཞུགས་བྱས་ནས། ནག་ཕྱོགས་དང་ཟིང་སློང་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ཐེར་འདོན་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཁུལ་ནག་སེལ་གཞུང་ལས་ཁང་གིས་ཁྲིམས་དང་སྒྲིག་སྲོལ་ལྟར་དུས་ཐོག་ཏུ་ཁུངས་སྣེ་ཞིབ་བཤེར་ཐག་གཅོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་མ་ཟད། ཐེར་འདོན་བྱེད་མཁན་མི་སྒེར་གྱི་ཆ་འཕྲིན་གསང་བ་དམ་སྲུང་བྱས་ནས་ཐེར་འདོན་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱ་རྒྱུ་ཡིན། ཆ་འཕྲིན་ཕྱིར་ཤོར་བའམ་ཡང་ན་ཐེར་འདོན་བྱེད་མཁན་ལ་རྡུང་རྡེག་འཁོན་ལན་སློག་མཁན་ལ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་རྒྱུ། ཐེར་འདོན་བྱེད་མཁན་གྱིས་ཐེར་འདོན་གོང་ཞུ་བྱས་པའི་ནག་ཕྱོགས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ལ་རྩད་ཞིབ་བྱས་ཏེ་བདེན་པ་ཡིན་ཚེ།«རྨ་ལྷོ་ཁུལ་ནག་སེལ་གཤེད་འཇོམས་ཆེད་དོན་འཐབ་རྩོད་གྱོད་གཞིའི་ཁུངས་སྣེ་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་ཐབས»ཀྱི་གཏན་འབེབས་ལྟར་ཐེར་འདོན་བྱེད་མཁན་ལ་སྤྲོད་ཐེངས་གཅིག་གིས་བྱ་དགའ་སྤྲོད་རྒྱུ་ཡིན། 

གཅན་ཚ་རྫོང་ནག་སེལ་གཤེད་འཇོམས་འཐབ་རྩོད་

མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་།

2023ལོའི་ཟླ4བའི་ཚེས24ཉིན།

[责任编辑:亚君]